གཡང་ས་ཞལ་དཀར།
ཚིག ཚེ་རིང་བཀྲ་ཤིས།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
ལེན་མཁན། རིག་འཛིན་ཐར།
སྒྲ་སྙན། རིན་ཆེན་ཚེ་རིང་།
གླིང་བུ། ཚེ་བརྟན།
སྒྲ་ལེན་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རོལ་མོ་སྤྱིའི་ལྟ་སྐུལ་པ། འཇམ་དབྱངས་བསྟན་འཛིན།
གངས་དཀར་པོའི་དབུ་རྩེ་དགུང་ལ་ཟུག།
ཆགས་གན་ན་འཇོག་ག་གླུ་ཞིག་ལེན།།
ཕ་རྒོད་པོ་གླིང་གི་གདུང་རྒྱུད་ཡིན།།
གཏམ་གཞན་ལ་མི་རེ་སྐྱིད་ཅིག་ཡོད།
དཔའ་འཁོར་གསུམ་རྡོ་རྗེ་རང་འགྲུབ་ཡིན།།
ཐང་ཆེན་པོ་ཞིག་གི་རྒྱབ་རི་གན།།
ངའི་ཕ་ལོ་གནའ་མྱི་སྨུག་པོ་རེད།།
ཆུ་དྭངས་མོའི་འབབ་རྒྱུན་གླིང་ལ་འཐེན།།
ཆགས་གན་ན་འཇོག་ག་གླུ་ཞིག་ལེན།།
མ་དྲིན་ཆེན་ཉི་མ་རང་ཤར་ཡིན།།
གཏམ་འཛུམ་གྱིས་བཤད་ན་སྐྱིད་ཅིག་ཡོད།།
བྱམས་ཀུན་ལ་ཉེ་བས་བསོད་ནམས་ཆེ།།
སྦྲ་ཁྲི་སྡེ་ཞིག་གི་སྒོ་དར་གན།།
ངའི་མ་ལོ་རྗེ་བཙུན་སྒྲོལ་མ་རེད།།
ན་མེ་ཏོག་དཀར་དམར་སྤང་ལ་བཞད།།
ཆགས་གན་ན་འཇོག་ག་གླུ་ཞིག་ལེན།།
ཆུང་ན་ཟླ་་མེ་ཏོག་སེར་ཆེན་ཡིན།།
སྡེ་གཅིག་ནས་སྐྱེས་པས་སྐྱིད་ཅིག་ཡོད།།
ཁ་ཁོག་པ་མེད་པས་མདངས་བརྩེ་ཆེ།།
ཚེ་གཅིག་གི་སེམས་ཀྱི་སྔས་ས་གན།།
ངའི་རྩེད་རོགས་སྤང་རྒྱན་མེ་ཏོག་རེད།།
歌 词
查看完整歌词
网友热评
