缘聚_仁增太

男歌手相关歌手主页:仁增太

 
歌 词

作曲 : 仁增太
编曲 : 瓜尔阿索
དགའ་སྐྱིད་འཛོམས་པའི་ཉི་མ།
ཚིག དཔའ་མཆོག་གངས་ཆར།
དབྱངས། རིག་འཛིན་ཐར།
ལེན་མཁན། རིག་འཛིན་ཐར།
དམངས་གླུ། འཕགས་པ་སྐྱབས།
སྐད་རམ་པ། གཡང་མོ། བན་ཏེ་སྐྱིད།
རོལ་མོ། ཨ་བསོད།
སྒྲ་ལེན་པ། རིན་ཆེན་དོན་འགྲུབ།
སྒྲ་ཞིབ་སྦྱོར། འབྲུག་ཆུང་རྒྱལ། རིན་ཆེན་དོན་འགྲུབ།
དེ་རིང་ང་ཚོ་འཛོམས་སོང་། །
ཕ་མ་བུ་རྟིང་མཇལ་ཡོད།།
གཡང་ར་སྒོ་བཞི་འཕེལ་ཡོད།།
གཡང་གི་རུ་མ་ལྟེམས་ཡོད།།
ཡེ་ཞང་ཡ་རེ་ལེན།
དགའ་བའི་གླུ་དབྱངས་ལོངས་ཤོག
སྐྱིད་པའི་གར་ལ་རོལ་ཤོག
རྟེན་འབྲེལ་ཁ་གཡང་སྒྲོག་ཤོག
ཨ་ལ་ཡེ། དགའ་སྐྱིད་འཛོམས་པའི་ཉི་མ།
གཡང་འཁོར་བར་ཤོག། སྐྱིད་རྟག་པར་ཤོག
དེ་རིང་ང་ཚོ་འཛོམས་སོང་། །
གཡས་གྲལ་ཉི་མ་ཤར་འདྲ། །
གཡོན་གྲལ་ཟླ་བ་ཚེས་འདྲ། །
ཁྲོམ་ཆེན་སྐར་ཚོགས་ཤར་འདྲ།
ཡེ་ཞང་ཡ་རེ་ལེན།
དབྱངས་ཅན་སྒྲ་སྙན་སིང་སིང་།
དགའ་བའི་དགོད་སྒྲ་ལྷང་ལྷང་།
འཛོམས་པའི་སྣང་བ་སྐྱིད་སྐྱིད།།
ཨ་ལ་ཡེ། དགའ་སྐྱིད་འཛོམས་པའི་ཉི་མ།།
གསུངས་འགག་མེད་ཤོག སྐུ་ཚེ་རིང་ཤོག
དེ་རིང་ང་ཚོ་འཛོམས་སོང་། །
གནམ་ལ་ཉི་ཟླ་སྐར་གསུམ།།
ས་ལ་བཀྲ་ཤིས་དཔལ་འཛོམས།།
འཛོམས་གསུམ་རྟེན་འབྲེལ་ཡག་སོང་།།
ཡེ་ཞང་ཡ་རེ་ལེན།
མཆོད་ཆང་ཞབས་བཏེགས་རྒྱོབས་ཤོག།
སྣང་བ་གླུ་ལ་དྲོངས་ཤོག
སེམས་པ་སྐྱིད་ལ་སྐུར་ཤོག།
ཨ་ལ་ཡེ། དགའ་སྐྱིད་འཛོམས་པའི་ཉི་མ། །
ལས་ལམ་འགྲོ་ཤོག དོན་ལྷུན་འགྲུབ་ཤོག

查看完整歌词
网友热评

用户5173814781:缘聚

次Renta:[很棒][很棒][很棒][很棒][很棒]

LaBaQiongJia:每一首歌太好听了继续加油

mc措儿:真好听呀~

达叔呀_YH:听了几天了越听约好听

记住我们的网址,手机上也能免费听歌哦(歌词曲库网 www.geciquku.com)

扫描右侧二维码手机上听仁增太的缘聚

扫一扫二维码