作词 : 琼赤德
作曲 : 巴登慈城
女:
གངས་ཀྱི་ཀློང་ནས་བཞེང་དུས།
འོད་ཀྱིས་ཤར་ནུབ་ཁྱབ་སྟེ།
བོན་གྱི་བདེན་མཐའ་གསལ་བའི།
འཛམ་གླིང་ཉི་མ་སུ་རེད།
男:
མནའ་དེང་ཤེས་རིག་ཀློང་ནས།
མཁྱེན་པའི་རྩལ་ངྲུག་རྫོགས་པའི།
ཁ་བ་གངས་རིའི་ཚིག་མཛོད།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
合:
དགའ་ལ་རོལ། སྐྱིད་ལ་རོལ།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
男:
ལག་ན་ཁ་ཕོར་མེད་ཀྱང་།
རྒྱབ་ལ་པོད་ཆེན་ཁུར་ནས།
དུས་འགྱུར་རླུང་ནག་གཤགས་པའི།
ས་མཐའི་ཨ་སྐྱོ་སུ་རེད།
女:
ནོར་རྫས་སྒྱུ་མར་གཟིགས་ཤིང་།
རྒྱལ་བསྟན་སྲོག་ལས་གཅེས་པའི།
ཞང་བོད་རིག་པའི་བླ་སྲོག།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
合:
དགའ་ལ་རོལ། སྐྱིད་ལ་རོལ།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
女:
རྒྱུན་མེད་ས་མཐའི་ཡུལ་ན།
མགོན་མེད་དྭ་ཕྲུག་འཁྱམ་པོ།
རེ་བའི་ཐལ་མོ་སྦྱར་ས།
བོན་གྱི་ཕ་མ་སུ་རེད།
男:
འབངས་ཀྱི་བདེ་སྡུག་གཟིགས་ནས།
ནུབ་ནས་ཟས་གོས་བསླངས་ཏེ།
བྱེས་ཀྱི་ཁྱིམ་གཞིས་བསྐྲུན་མཁན།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
合:
དགའ་ལ་རོལ། སྐྱིད་ལ་རོལ།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
男:
ཞྭ་དཀར་བོན་གྱི་བསྟན་པ།
ཡོངས་རྫོགས་ནུབ་ལ་ཉེ་སྐབས།
བཤད་སྒྲུབ་མེ་རོ་སྤར་མཁན།
བོན་གྱི་ཀ་ཆེན་སུ་རེད།
女:
གདོང་དམར་བོད་པའི་ཕ་ཆོས།
རིམ་དགུ་ཐེག་པའི་བང་མཛོད།
འདི་ཕྱི་གཉིས་ཀྱི་ལམ་སྟོན།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
合:
དགའ་ལ་རོལ། སྐྱིད་ལ་རོལ།
སྨན་རིའི་ཡོངས་འཛིན་མཆོག་ཡིན།
用户626843113:ངའི་མི་རིགས།ངའི་རིག་གནས།ངའི་བླ་སྲོགངའི་ཡོདཚད།དུས་རབས་ཤིག་གི་སོ་ཁ་ན་གཟིམས་ཉེན་ཆེ་ཁི།དེ་བས་ངའི་སྤུན་མིང་སྲིང་ཚོས་རང་སྐད་རང་ཡིག་ལ་ཉམས་འཇོག་ནན་པོ་བྱ་རོགསཕ་སྐད་མ་ཡིག་ཉི་ཟླ་བཞིན་འཆར་བར་སྨོན身为一个藏族的为了民族的文化为了民族的尊严多拿出自家的母语评论
木剑本无锋:南措,我的女神。我是一个汉族人,音乐不分民族不分肤色,不要有狭窄的心胸和眼光
做个平凡的不为过:这首歌是歌颂给藏族臃肿苯教的上师雍曾仁布切,大概写了上师他经历了太多的困难,太多的挫折,并且战胜困难和挫折,为藏民族的未来和文化发展上贡献和付出而赞颂的一首
多旦罗珠:永增仁布切[许愿][许愿][许愿]
天马的诗:和大自然在一起养生,和善良人在一起养德,和知心人在一起养心,和快乐人在一起养颜,和能量正格局大者在一起养精气神。
