作曲 : 道瑞
男声:旦智多杰
女:
སྟག་ཤར་ཚོ།
ཕྱུགས་དུད་འགྲོའི་རྩལ་འགྲན་འུར་འུར་མ་གནང་།
ཤེས་ཡོན་ཏན་རིག་གནས་བརྩོན་འགྲུས་བྱས་ཏེ།
རང་ཤེས་དཔལ་རྣམ་དཔྱོད་འགྲན་བསྡུར་གནང་དང་།
བོད་རིག་པ་ཅན་གྱི་ཁྱད་ཆོས་དེ་ཡིན།
男:
སྨན་ཤར་ཚོ།
རྡོ་སྣ་ཚོགས་རིགས་ཀྱི་སྲོལ་རྒྱུན་མ་སེམས།
བྱམས་བརྩེ་བ་རང་སེམས་ཁེངས་པ་བྱས་ཏེ།
དོན་རིག་གནས་རང་གི་རྒྱན་ཆ་བྱོས་དང་།
བོད་མཛངས་མའི་རྒྱན་ཆ་དག་མ་དེ་ཡིན།
女:
སྟག་ཤར་ཚོ།
དཔའ་རྩལ་དྲུག་རྫོགས་པའི་སྟག་ཤར་གཞོན་ནུ།
ནང་ཕུན་ནུ་ནང་འཁྲུག་རྩོད་གཞི་སྐྱུར་ཏེ།
ལུས་སེམས་ཉིད་ཞི་བདེ་འཆམ་མཐུན་བརྩོན་དང་།
བོད་མ་འོངས་བདེ་སྐྱིད་རྩ་བ་ཁྱོད་ཡིན།
男:
སྨན་ཤར་ཚོ།
གཟུགས་ལོངས་མཚོ་སྨིན་པའི་ཁ་བའི་མཛེས་མ།
ཡུལ་རྒྱ་གྲོང་མཐའ་མེན་ཉུལ་རྒྱུ་སྐྱུར་ཏེ།
ཁོག་ཤེས་ཁྲེལ་མཛངས་མའི་སྐྱོད་ལམ་སྐྱངས་དང་།
བོད་མ་འོངས་རེ་བའི་ཨ་མ་ཁྱོད་ཡིན།
合:
གླུ་བ་ཚོ།
སྐད་གྲེ་འགྱུར་མཁས་པའི་གླུ་བ་གླུ་མ།
ལམ་ཞི་བདེ་བསྟོད་གླུ་ཡང་ཡང་ལོངས་ཏེ།
ལུས་བདེ་མོ་གར་ཆུང་ཐེངས་གསུམ་འཁྲབ་དང་།
སྐྱིད་ཉི་མ་སེམས་ཀྱི་དབུས་ནས་འཆར་ཡོང་།
ལུས་བདེ་མོ་གར་ཆུང་ཐེངས་གསུམ་འཁྲབ་དང་།
སྐྱིད་ཉི་མ་སེམས་ཀྱི་དབུས་ནས་འཆར་ཡོང་།
葳蕤韶光:旦智多杰1376一辈子:男声是甘孜洛桑么
娜秀松热:好听
玉龙雪山180318:南措女神人美声美歌美
账号已注销:5捌
冷我者:是南措该评论已删除
