作曲 : 不丹民歌
བཟོ་རྒྱལ་དགྱེས་པའི་མཆོད་དབྱངས།
སྟོན་པའི་མཆོག་གྱུར་སངས་རྒྱས་ཤཱཀྱ་ཐུབ།།
ཤེས་རབ་འོད་སྣང་གསལ་མཛད་འཇམ་པའི་དབྱངས།།
གངས་ལྗོངས་བཟོ་རིག་བྱེད་པོ་གསེར་རིའི་ཕྲེང་།།
བཟོ་རྒྱལ་དགྱེས་པའི་མཆོད་དབྱངས་འདི་ནས་ཕུལ།།
མ་ཧ་བོ་ངྷི་འཕགས་པའི་ཡུལ་ན་གནས།།
སྟོན་པ་ཆུ་རིས་ཙི་ནའི་ཞིང་དུ་བཞུགས།།
ཇོ་ཤཱཀ་རྣམ་གསུམ་གངས་རིའི་རྒྱན་དུ་མཛེས།
འདི་དག་སྤྲུལ་བའི་བཟོ་བོའི་མཆོད་དབྱངས་ཡིན།
རྒྱ་གར་ཤར་ནུབ་བཟོ་བོའི་ཕྱག་རྒྱུན་དང་།།
བལ་བོའི་ལུགས་སོགས་གང་བྱོན་ཡིད་འཕྲོག་གཟུགས།།
བློ་གྲོས་བཟང་བོས་སྐུ་གཟུགས་རབ་བཞེངས་པ།།
འདི་དག་བཟོ་བོའི་ཕྱག་བཞེས་མཆོད་དབྱངས་ཡིན།
གངས་རིའི་ལྗོངས་ལ་གུ་གེ་བྱིའུ་སྒང་པ།།
སྨན་མཁྱེན་རྣམ་གཉིས་ཀརྨ་སྒར་ལུགས་སོགས།།
གསར་རྙིང་ལུགས་ཀྱིས་བསྐྱངས་པའི་བྲིས་འབུར་སྲོལ།།
དྭངས་གཙང་ཡིད་ཀྱིས་སྐྲུན་པའི་མཆོད་དབྱངས་ཡིན།
དེང་འདིར་བོད་ཡུལ་མཛེས་པའི་དབྱིག་འཛིན་ཆེར།།
འབུར་གཟུགས་མངའ་བརྙེས་་ཟམ་མི་ཆད་པར་བྱོན།།
སྐལ་ལྡན་རྗེས་འཛིན་བཟོ་རིག་གཙུག་ལག་འདི།།
མི་ཉམས་གོང་དུ་འཕེལ་བའི་མཆོད་དབྱངས་ཕུལ།།
阿是运:很喜欢听,留下祝福![超好听][很棒][许愿]
不要提到他:太好听了
林瑞2003:这位藏族靓女唱的非常好听!(虽是听不懂藏语)
葳蕤韶光:作词:旦正杰作曲:不丹民间编曲:小玉
康卓_PoUm:终于找到了
