作词 : 斗拉加
作曲 : 白日然珠
གངས་རིའི་བརྗིད་དབྱིབས།
ཚིག འབྲུག་ལྷ་རྒྱལ།
དབྱངས བེ་རུ་རང་གྲོལ།
ལེན་མཁན ཤེར་བསྟན།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
ནམ་མཁའ་གཡུ་ཡི་ཕོ་བྲང་ལ།
གསེར་དངུལ་གཉིས་ཀི་རྒྱན་ཆ་ཡོད།
ཉི་མ་སེར་པོ་གསེར་ལ་བྱས།
ཟླ་བ་དཀར་པོ་དངུལ་ལ་བྱས།
གསེར་དངུལ་གཉིས་ཀྱི་མཐའ་རྒྱན་ན།
སྐར་མའི་དོ་ཤལ་ཡིད་དུ་འོངས།
གསེར་དངུལ་རག་གསུམ་འདྲེས་སྦྱོར་ལ།
གངས་རིའི་བརྗིད་དབྱིབས་ཨེ་མ་རྨད།
ས་ཆེན་ཨ་མའི་སྐུ་ལུས་ལ།
གསེར་དངུལ་གཉིས་ཀྱི་རྒྱན་ཆ་ཡོད།
འབྲུ་སྙེ་སེར་པོ་གསེར་ལ་བྱས།
ཁ་བའི་ལྷུན་པོ་དངུལ་ལ་བྱས།
གསེར་དངུལ་གཉིས་ཀྱི་མཐའ་རྒྱན་ན།
མེ་ཏོག་ཕྲེང་རྒྱན་ཡིད་དུ་འོངས།
གསེར་དངུལ་རག་གསུམ་འདྲེས་སྦྱོར་ལ།
གངས་རིའི་བརྗིད་དབྱིབས་ཨེ་མ་རྨད།
སྒེག་ཉམས་ལང་ཚོའི་སྐུ་ལུས་ལ།
གསེར་དངུལ་གཉིས་ཀྱི་རྒྱན་ཆ་ཡོད།
གཙུག་རྒྱན་སེར་པོ་གསེར་ལ་བྱས།
རྣ་རྒྱན་དཀར་པོ་དངུལ་ལ་བྱས།
གསེར་དངུལ་གཉིས་ཀྱི་མཐའ་རྒྱན་ན།
གཟི་བྱུར་མགུལ་རྒྱན་ཡིད་དུ་འོངས།
གསེར་དངུལ་རག་གསུམ་འདྲེས་སྦྱོར་ལ།
གངས་རིའི་བརྗིད་དབྱིབས་ཨེ་མ་རྨད།
གསེར་ལ་ཉི་མའི་འོད་ཟེར་འཕྲོས།
དངུལ་ལ་ཟླ་བའི་འོད་མདངས་འཚེར།
ལྷད་ཀྱིས་མ་གོས་རང་བཞིན་ལ།
བཟོ་བོ་ལྷ་ཡིས་བྱས་པ་འདྲ།
གསེར་དངུལ་གཉིས་ཀྱི་མཐའ་རྒྱན་ན།
རིན་ཆེན་འཕྲེང་མཛེས་ཡིད་དུ་འོངས།
གསེར་དངུལ་རག་གསུམ་འདྲེས་སྦྱོར་ལ།
གངས་རིའི་བརྗིད་དབྱིབས་ཨེ་མ་རྨད།
གཞས་ཚིག་ལེགས་སྒྲིག་བྱེད་མཁན་གཞས་པ་ཁང་བྷོའི་སྤྱི་སྟེགས།
燃犀0417:真好听,歌声一如既往的细腻动人
昂秀才让-19:我永远是你那纯洁的歌声的崇拜者,永远期待你的新歌,我将永远伴随你的歌声
XinTiaolihong:从始至终都相信谢旦不会让我失望名副其实的歌王
图伯特老爷:好听好听好听好听
阿是运:扎西德勒!很好听的歌声,愿闻者吉祥![很棒][许愿]
