年保玉则_谢旦

男歌手相关歌手主页:谢旦

 
歌 词

作词 : 藏日嘎桑南真
作曲 : 公保扎西
སྟོད་གཉན་པོ་གཡུ་རྩེའི་རྫ་ལུང་ན། ཡེ།
འབྲོང་བྲེ་ལོ་གསུམ་གྱི་སྐྱིད་ལ་ལྟོས། ཡེ།
ཁ་རྩྭ་ཆུ་མཉམ་ཟ་མཉམ་འཐུང་རེད། ཡེ།
སྡེ་གསུམ་གྱི་སྐྱིད་སྡུག་གན་འདྲ་རེད། ཡེ།
ཁ་རྩྭ་ཆུ་མཉམ་ཟ་མཉམ་འཐུང་རེད། ཡེ།
སྡེ་གསུམ་གྱི་སྐྱིད་སྡུག་གན་འདྲ་རེད། ཡེ།
བར་གཉན་པོ་གཡུ་རྩེའི་སྤང་ཐང་ན། ཡེ།
ཤྭ་མ་བུ་གསུམ་གྱི་སྐྱིད་ལ་ལྟོས། ཡེ།
ལས་ཅི་བྱེད་མཉམ་འགྲོ་མཉམ་འདུག་རེད། ཡེ།
ནང་ཕུ་ནུའི་མཐུན་ལུགས་གན་འདྲ་རེད། ཡེ།
ལས་ཅི་བྱེད་མཉམ་འགྲོ་མཉམ་འདུག་རེད། ཡེ།
ནང་ཕུ་ནུའི་མཐུན་ལུགས་གན་འདྲ་རེད། ཡེ།
སྨད་གཉན་པོ་གཡུ་རྩེའི་མཚོ་ཁ་ན། ཡེ།
བྱ་ངང་བ་གསུམ་གྱི་སྐྱིད་ལ་ལྟོས། ཡེ།
གསུང་སྙན་མོའི་མགྲིན་གླུ་མཉམ་ལེན་རེད། ཡེ།
བན་སེར་མོའི་མཐུན་ལུགས་གན་འདྲ་རེད། ཡེ།
གསུང་སྙན་མོའི་མགྲིན་གླུ་མཉམ་ལེན་རེད། ཡེ།
བན་སེར་མོའི་མཐུན་ལུགས་གན་འདྲ་རེད། ཡེ།
སྐྱིད་མཉམ་དུ་རོལ་ན་འཇིག་རྟེན་རེད། ཡེ།
སྐྱིད་འཇིག་རྟེན་དག་པའི་ཞིང་ཁམས་རེད། ཡེ།
སྡུག་འཁོན་འཛིང་མེད་ན་མཐུན་པ་རེད། ཡེ།
འཁོར་མཐུན་པ་བྱུང་ན་བདེ་སྐྱིད་རེད། ཡེ།
སྡུག་འཁོན་འཛིང་མེད་ན་མཐུན་པ་རེད། ཡེ།
འཁོར་མཐུན་པ་བྱུང་ན་བདེ་སྐྱིད་རེད། ཡེ།
འཁོར་མཐུན་པ་བྱུང་ན་བདེ་སྐྱིད་རེད། ཡེ།

查看完整歌词
网友热评

云村村民161409093253278:歌王太好听

镁池:666666666666666666666666666666666666666666666666666666666666

小班班噢:歌王

光铅:好听[很棒][很棒][很棒]

西藏才让:好听

记住我们的网址,手机上也能免费听歌哦(歌词曲库网 www.geciquku.com)

扫描右侧二维码手机上听谢旦的年保玉则

扫一扫二维码